3500

མཐར་འཁྱོལཝ་སྦེ་སྦྱོང་བརྡར་བྱིན་མི།

0

སློབ་སྟོན་པ་གཙོ་བོ།

46

ལས་གཡོགཔ།

14

ཆོས་ཚན།

ང་བཅས་ཀྱི་སྐོར། image
སྤེལ་ཁང་སྐོར།

ཐིམ་ཕུག་བཟོ་རིག་ བཅུ་གསུམ་སྤེལ་ཁང་།

ཐིམ་ཕུག་ཀ་ཝང་སྦྱང་ས་བཀྲ་ཤིས་དགེ་འཕེལ་གླིང་ལུ།ས་གཞི་ཨེ་ཀར་༡.༡༨ཀྱི་ནང་འཁོད་ལུ་ ཆགས་ཏེ་ཡོད་མི། ཐིམ་ཕུག་བཟོ་རིག་བཅུ་གསུམ་སྤེལ་ཁང་འདི སྤྱི་ལོ་༡༩༧༡གི་ལོ་ལུ་བཀའ་དྲིན་ཅན་གྱི་ཡབ་རྗེ་མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས ཐུགས་དགོངས་དང་འཁྲིལ་ཏེ་ མི་དབང་ཨ་ཞེ་བདེ་ཆེན་དབང་མོ་དབང་ཕྱུག་མཆོག་གིས་བཀའ་བཞིན་གོང་འཕེལ་ལྷན་ཁག་གི་འགོ་འདྲེན་འོག་ལུ་ལྷ་བྲིས་སློབ་དཔོན་གཉིས་དང་སློབ་ཕྲུག་༣༠ བཙུགས་ཏེ་ འགོ་དང་པ་ལྷ་བྲིས་སློབ་གྲྭ་ཅིག་སྦེ་འགོ་བཙུགས་གནང་ནུག།

དེ་གི་ཤུལ་ལས་སྤེལ་ཁང་གི་བདག་སྐྱོང་འདི་དངུལ་རྩིས་ལྷན་ཁག་དང་་ནང་སྲིད་ལྷན་ཁག་ཚུ་གི་འགོ་འདྲེན་འོག་ལུ་སྡོད་པའི་སྐབས་སྤེལ་ཁང་ནང་ལྷ་བྲིས་དང་ པ་ཏྲ འཇིམ་བཟོ། བཅས་བཟོ་ རིག་ཁག་གསུམ་གྱི་སློབ་སྦྱོང་ཚུ་འགོ་འདྲེན་འཐབ་སྟེ་སྤེལ་ཁང་ གི་མིང་ཡང་སྔར་སྲོལ་བཟོ་རིག་སློབ་གྲྭ་ཟེར་བཏགས་གནང་ནུག།

སྤྱི་ལོ་༡༩༩༩ གི་ལོ་ལུ་རྒྱལ་ཡོངས་བཟོ་རིག་སློབ་སྦྱོང་དབང་འཛིན་གྱི་ཡིག་ཚང་གསརཔ་གཞི་བཙུགས་གནང་པའི་སྐབས་ལུ་ བཀྲ་ཤིས་གཡང་རྩེ་བཟོ་རིག་༡༣སྤེལ་ཁང་དང་ ཐིམ་ཕུག་རྒྱལ་ཡོངས་བཟོ་རིག་བཅུ་གསུམ་སྤེལ་ཁང་གཉིས་ ཡིག་ཚང་དེ་གི་འགོ་འདྲེན་འོག་ལུ་ ཚུད་ཞིནམ་ལས་ཚུར་ སྤེལ་ཁང་གཉིས་ཀྱིས་བཟོ་རིག་ཆོས་ཚན་དང་སློབ་སྟོན་འབད་ཐངས་ཀྱི་ལམ་ལུགས་ ཚུ་ལེགས་བཅོས་དང་གཅིག་མཚུངས་སྦེ་བཟོཝ་མ་ཚད་ བཟོ་རིག་གཞན་ཡང་ ཚེམ་བཟོ། གཤག་བཟོ། སྤྲོས་བཟོ། ལྕགས་བཟོ། ཐག་བཟོ། རྡོ་ལྷ་བརྐོ་ནི། ཀོ་བཟོ།ཚུ་གི་རིག་རྩལ་སློབ་སྦྱོང་ཚུ་ཁ་སྐོང་བཙུགས་ཏེ་སྤེལ་ཁང་གི་མིང་ཡང་བཟོ་རིག་བཅུ་གསུམ་སྤེལ་ཁང་ཟེར་བཏགས་གནང་ནུག

སྤྱི་ལོ་ ༢༠༠༢ ལོ་ལས་ སྤེལ་ཁང་འདི་ ལཱ་གཡོག་ལྷན་ཁག་གི་མི་སྟོབས་ལས་ཁུངས་འོག་ལུ་ཚུད་ཞིནམ་ལས་གཞུང་གི་སྲིད་བྱུས་ལྟར་ དུ་ན་གཞོན་ཚུ་གི་ལཱ་གཡོག་གི་གོ་སྐབས་ལུ་གཙོ་བོ་བཏོན་ཏེ་ ཁེ་ཕན་ཆེ་བའི་རང་གཡོག་གི་རིག་རྩལ་བཟོ་རིག་སློབ་སྦྱོང་ཚུ་ སྤུས་ཚད་ཅན་གྱི་ལམ་ལུགས་ཀྱི་ཐོག་ལས་འགོ་འདྲེན་འཐབ་བཞིན་ཡོདཔ་ཨིན།

ལྷབ་སྦྱང་མངམ་འབད་ནི།
ལས་ཁུངས།

ལས་ཁུངས་ག་ར་ལྟ་ས།

ཆོས་ཚན།

ཆོས་ཚན་འཚོལ་ཞིབ།

གསལ་བསྒྲགས།

གསལ་བསྒྲགས།

img
གཅེན་གཅུང་སློབ་གཉེར་ཁང་།

Explore Sister Institutes

International Students Image

རྒྱལ་སྤྱིའི་སློབ་ཕྲུག།

ལྷབ་སྦྱང་མངམ་འབད་ནི།
shapes
Eng