ཤེས་ཡོན་ལས་ཁུངས་འདི་ལས་ཁུངས་གཙོ་འཛིན་གྱི་འགོ་འདྲེན་འོག་ལུ་ཨིན། ལས་ཁུངས་ཀྱི་གན་འཁུར་འདི་ཤེས་ཡོན་དང་འབྲེལ་བའི་ཆོས་ཚན་ཚུ་ སྦྱོང་བརྡར་པ་ཚུ་ལུ་སྤེལཝ་ཨིན། ལས་ཁུངས་ཀྱི་གཙོ་བོ་ར་བརྩི་མཐོང་ཅན་གྱི་ཤེས་ཡོན་ དཔེར་ན་ ཨིན་སྐད། རྫོང་ཁ། ཨང་རྩིས་རིག་པ། (EIP)ཚོང་རིག་གཞི་རྟེན་ཆོས་ཚན། བརྡ་དོན་འཕྲུལ་རིག་ཚུ་སྦྱོང་བརྡར་པ་ཚུ་ལུ་སློབ་སྟོན་འབད་ནི་ལུ་གཙོ་བོ་སྟོནམ་ཨིན། ཆོས་ཚན་དེ་ཚུ་རྩ་གཞུང་ནང་བཙུགས་ཏེ་འཕྲུལ་རིག་གི་རིག་རྩལ་ལུ་ལྷན་ཐབས་འབད་ནིའི་དོན་ལུ་དང་ བརྡ་དོན་སྤྲོད་ལེན་གྱི་རིག་རྩལ་གོང་འཕེལ་གཏང་ནི་ལུ་ ཚབས་ཆེན་གྱི་མནོ་ལུགས་དང་ ཨང་ཅན་གྱི་ཤེས་ཡོན་ ས་གནས་ཀྱི་འགྱུར་འཕེལ་དང་ ནུས་རྩལ་ཅན་ཚུ་ནང་གྲ་སྒྲིག་འབད་ནི། ལས་ཁུངས་ཀྱི་དམིགས་གཏད་འདི་རིག་རྩལ་དང་ཤེས་ཡོན་གཉིས་ཟུང་འབྲེལ་སྦེ་བྱིན་ཐོག་ལས་སློབ་སྦྱོང་པ་ཚུ་ རིག་རྩལ་དང་ཤེས་ཡོན་གཉིས་ཆ་རའི་ནང་མཁས་མཆོག་ཅན་སྦེ་བཟོཝ་ཨིན།